གསེར་མདོག་གི་སྟོན་ཟླ་དགུ་པར་གཙང་གསུམ་ཆུ་བོའི་རྦ་རླབས་དྲག་ཏུ་འཕྱུར། ཟླ་9ཚེས་15ཉིན་དུས་ཡུན་ཉིན་3གྱི་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་དངོས་སུ་འགོ་ཚུཌ་པ་རེད།
འགོ་ཚུགས་མཛད་སྒོར་ཆབ་མདོའི་རྫོང(ཆུས)11ནས་ཡོང་བའི་མང་ཚོགས་ཀྱི་འཐུས་མིས་གླུ་ལེན་གར་འཁྲབ་བྱས་ནས་ས་གནས་ས་ཐོག་གི་ལས་བྱེད་པ་དང་མང་ཚོགས་དང་ལས་རིགས་ཁག་གི་སྐུ་མགྲོན་ཚོར་ཆབ་མདོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ངོམ་སྟོན་བྱས་ཡོད།