《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月15日

པར་རིས་གསར་འགྱུར།

ཟླ་9ཚེས་9ཉིན། བློ་མཐུན་མའོ་ཙེ་ཏུང་སྐུ་གཤེགས་ནས་ལོ་ངོ་49འཁོར་བའི་དྲན་གསོའི་ཉིན་མོར། བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་རྟགས་མ་རྟེན་མཛོད་ཁང་གིས“གསར་བརྗེའི་རྗེས་ཤུལ་བཙལ་ནས་མཛད་རྗེས་རླབས་པོ་ཆེར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་སྐུ་པར་རྟགས་མ་འདོགས་པ་དང་། མེ་ཏོག་སོས་པ་ཕུལ་བ། རླབས་ཆེན་གཙོ་འཛིན་ལ་གུས་མཇལ་ཞུ་བ། གསར་བརྗེའི་གླུ་དབྱངས་ལེན་པ། འདས་དོན་གླེང་བ་སོགས་བརྒྱུད། མའོ་ཀྲུའུ་ཞི་དང་ཀྲུང་གོའི་མི་དམངས་ཀྱི་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱས་པ་རེད། འདི་ནི་མང་ཚོགས་ཀྱིས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་རྟགས་མའི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།