ཟླ་9ཚེས་2ཉིན། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སེར་ཚ་ཤང་གིས་ཏང་ཡོན་ལས་བྱེད་པ་23སྒྲིག་འཛུགས་བྱས་ནས་རོགས་སྐྱོར་རུ་ཆུང་བཙུགས་ཏེ། ཞིང་པར་མ་སྐུལ་དང་བླངས་ངང་སྟོན་ལས་བྱེད་རོགས་བྱས་ཤིང་། ཞིང་ནང་དང་མུ་ཁར་ཏང་ཡོན་ལས་བྱེད་པ་ཚོས་ལས་བགོས་བརྒྱབ་སྟེ་མཁར་ཐང་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་དཀོན་པའི་ཁྱིམ་ཚང་ལ་བརྔ་བསྡུ་དང་། དབོར་འདྲེན། ཉི་སྐམ་སོགས་ཀྱི་ལས་ཀ་གོ་རིམ་ལྔན་པའི་ངང་བྱེད་རོགས་བྱས།