འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣང་རྫོང་གི་གད་སྙིགས་སྦས་ས་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ལ་ཉེ་བའི་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་བ་དགུ་པའི་ཟླ་དཀྱིལ་དུ་སྤྱོད་འགོ་ཚུགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྣང་རྫོང་གི་གད་སྙིགས་སྦས་སའི་རྣམ་གྲངས་དེ་སྣང་གྲོང་རྡལ་ཟིམ་གྲོང་ཚོར་ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་4800བཏང་ཡོད། རྣམ་གྲངས་འདིའི་ཇུས་འགོད་ཚན་རིག་དང་མཐུན་ཞིང་བྱེད་ནུས་འཐུས་སྒོ་ཚང་བ། འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་འཚོ་བའི་དོ་དམ་ཁུལ་དང་གད་སྙིགས་སྦས་ས། དེ་བཞིན་ལྷན་སྦྱར་ཆུ་སྙིགས་གཙང་བསིང་སྒྲིག་བཀོད་བཅས་ཚུད་ཡོད། དེའི་ནང་ལྟེ་བའི་ཁུལ་གྱི་གད་སྙིགས་སྦས་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5ལྷག་ཙམ་ཟིན་པ་དང་། འཆར་འགོད་བེད་སྤྱོད་གཏོང་ཡུན་ལོ་27ཟིན་གྱི་ཡོད།
སྣང་རྫོང་གི་གད་སྙིགས་སྦས་སའི་རྣམ་གྲངས་ཀྱི་ཅིང་ལི་ཡེ་ལིང་ཀྲི་ཡིས། འཛུགས་སྐྲུན་རྣམ་གྲངས་དེ་ལས་གྲྭ་ཡོངས་ཀྱི་97%ལེགས་གྲུབ་ཟིན་ཞིང་། མིག་སྔར་གཞུང་ལམ་མཁྲེགས་འགྱུར་དང་དྲ་བ་དང་ར་བ་སྐོར་བཞིན་ཡོད། སྔོན་དཔག་བྱས་ན་ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་ལས་མཇུག་ཡོངས་སུ་འགྲིལ་རྒྱུ་དང་ཟླ་བ་དགུ་པའི་ཟླ་དཀྱིལ་དུ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད་ཅེས་བརྗོད།