ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁང་གསར་ལྷོ་སྡེ་ཁུལ་གྱི་ཏང་ཀྲི་པུས་གཙང་རལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ལོ་65ཡན་གྱི་རྒན་རྒོན་ལ་བདེ་ཐང་གི་འོས་འགན་སྨན་བཅོས་བྱས་པ་རེད། བྱེད་སྒོ་སྤེལ་རིང་། སྨན་དོན་པས་སྡེ་ཁུལ་གྱི་དྲ་མིག་པ་དང་ལས་བགོས་མཐུན་སྦྱོར་གྱིས་རྒན་རྒོན་གྱི་ཁྲག་ལ་བརྟག་དཔྱད་བྱས་ཏེ། ཁྲག་ཤེད་ཏག་ཏག་མེད་མཁན་ལ་ཟུར་མཆན་བཀོད་པ་དང་སྦྲགས། དོ་སྣང་བྱེད་དགོས་རིགས་དྲན་སྐུལ་བྱས་པ་མ་ཟད། གཅོང་ནད་འགོག་བཅོས་ཀྱི་གཙོ་གནད་ལའང་འགྲེལ་བཤད་བརྒྱབ་པ་རེད། དེ་བཞིན་ཆམ་པའི་སྨན་དང་ཁྲག་ཤེད་གཅོག་པའི་སྨན་སོགས་རྒྱུན་སྤྱོད་སྨན་རྫས་དང་། 《རྒན་རྒོན་གྱི་བདེ་ཐང་བདེ་སྲུང་ཕྱོགས་སྟོན》རིན་པ་མི་དགོས་པར་སྤྲད་ནས་བདེ་ཐང་གི་རྒྱུན་ཤེས་ཁྱབ་གདལ་བཏང་བ་རེད། འདི་ནི་བདེ་ཐང་གི་འོས་འགན་སྨན་བཅོས་བྱ་ཡུལ་ཡིན་པ།