ཟླ་8ཚེས་31ཉིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང(རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས)འཛུགས་སྐྲུན་རྣམ་གྲངས་ཀྱི་སྒྲོམ་གཞི་གཙོ་བོའི་ཐོག་འགེབ་པའི་མཛད་སྒོ་འཚོགས་ཤིང་། སྒྲོམ་གཞི་གཙོ་བོའི་ཐོག་འགེབ་པའི་འཛུགས་སྐྲུན་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་དེ་ཐོག་ནས་རྣམ་གྲངས་དེ་སྒྲོམ་གཞི་གཉིས་པ་དང་ཁང་པའི་ཕྱི་ནང་དུ་མཛེས་བཟོ་ཞིབ་ཚགས་བྱེད་པའི་ཨར་སྐྲུན་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་གྱི་ཡོད། འདི་ནི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང(རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས)གི་སྒྲོམ་གཞི་གཙོ་བོའི་ཐོག་འགེབ་ཡུལ་ཡིན་པ།