ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ལོ་ཞིག་རེད། ཉེ་ཆར་འབྲེལ་ཡོད་ལས་དོན་མི་སྣས་མེ་ཏོག་སོས་པ་དང་། དཀར་གཙང་ཁ་བཏགས། འཚམས་འདྲིའི་དངུལ་བཅས་ཁྱེར་ནས་ཁྲེང་ཏུའུ་དང་། ཤིས་ཨན། ཁྲུང་ཆིང་སོགས་སུ་ཡོད་པའི་རང་ལྗོངས་ཀྱི་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་8ལ“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི”དྲན་གསོའི་རྟགས་མ་སྤྲད་པ་རེད། འདི་ནི་ལས་དོན་པས་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་ཞུས་མིང་ལེང(མདུན་གྱི་དཀྱིལ)ལ་དྲན་གསོའི་རྟགས་མ་སྤྲོད་བཞིན་པ།