《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月22日

《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》གི་དེབ་རྐྱང་པ་དཔེ་སྐྲུན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། 《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》གི་དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཚེས་21ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ཁག་ཏུ་འགྲེམས་སྤེལ་བྱས་པ་རེད།

དེབ་འདིའི་ནང་སྲོལ་ཡིག་གི་ནང་དོན་ཆ་ཚང་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)འགན་འཁུར་བས《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པའི་ནང་དོན་བཀོད་ཡོད།