《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月18日

རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་2025ལོའི་སྟོན་དུས་སློབ་དུས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི་སྟོན་དུས་སློབ་དུས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་ལྷ་ས་མཐོ་རིམ་སློབ་འབྲིང་བཞི་པར་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སློབ་མར་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་གཏོད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་མཐོ་རིམ་སློབ་འབྲིང་བཞི་པའི་དགེ་རྒན་གྱིས《རབ་བྱུང་གཅིག་གི་རྒྱང་ལམ་བོད་ལ་ལྟ། མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་རྩོམ》ཞེས་པ་ཁ་བྱང་དུ་བྱས་ནས་སློབ་མའི་སྣེ་ཁྲིད་དེ“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཅིག”འཚོགས་པ་རེད། སློབ་ཚན་ཐོག་སློབ་མ་ཚོས་མཉམ་འགུལ་ནང་ཧུར་ཐག་ཞུགས་པ་དང་འབྲེལ་རང་ཉིད་ཉེ་འགྲམ་གྱི་འགྱུར་ལྡོག་ཀྱང་བརྗོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)