འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དྲན་རྟེན་སྦྲག་འཛིན་དང་དྲན་རྟེན་དངུལ་ཊམ་བཀྲམ་པའི་རིམ་སྤེལ་བྱེད་སྒོ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་དྲན་རྟེན་སྦྲག་འཛིན་ཐོག་མར་འགྲེམས་པའི་མཛད་སྒོ་དང་དྲན་རྟེན་དངུལ་ཊམ་བཀྲམ་པའི་མཛད་སྒོར་སྔ་རྗེས་སུ་ཞུགས་ནས། གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བཀོད་པའི་རིག་གནས་དོན་ཆེན་འདིར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།
མཛད་སྒོའི་ཐོག་ཀུང་ཧུའེ་ཚའེ་ཡིས་རྒྱལ་ཁབ་སྦྲག་སྲིད་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་དངུལ་ལོར་གསེར་དངུལ་ཅུས་ཀྱི་འགན་འཁུར་བ་དང་མཉམ་དུ་དྲན་རྟེན་སྦྲག་འཛིན་དང་དྲན་རྟེན་དངུལ་ཊམ་འགྲེམས་སྤེལ་གྱི་ཡོལ་བ་ཕྱེ་བ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)