《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月15日

《རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ》འགྲེམས་བསྒྲགས་ཚོགས་འདུ་དང་གཟིགས་འབུལ་མཛད་སྒོ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན། 《རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ》འགྲེམས་བསྒྲགས་ཚོགས་འདུ་དང་གཟིགས་འབུལ་མཛད་སྒོ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བྱེད་སྒོར་ཞུགས་པ་རེད།

དཔེ་དེབ་དེ་བདེ་བླག་ངང་དཔེ་སྐྲུན་བྱས་པ་ནི་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་མི་རིགས་ཁག་རྒྱ་ཁྱབ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཞིབ་ཕྲ་ཞིག་རེད་ལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།

བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། འབྲེལ་ཡོད་ཚན་པ། དེ་བཞིན་ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་ལྷན་བཅས་ཀྱི་འཐུས་མིར《རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ》དཔེ་དེབ་570སྤྲད་པ་རེད།