《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月08日

↑ ཟླ་8ཚེས་6ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“ཤར་རྒྱུད་བགྲོད་ལམ”བརྒྱུད་ཤར་བགྲོད་བྱས་པའི་དུས་གཏན་མེ་འཁོར་3000ལྷག་ཙམ་ཟིན་པ་དང་ཚོང་ཟོག་སྣ་ཚོགས་བླུགས་པའི་ཚད་ལྡན་དོས་སྒམ་ཁྲི་30ལྷག་ཙམ་དབོར་འདྲེན་བྱས་ཏེ་ཤར་བགྲོད་བྱེད་ཚད་རྒྱལ་ཡོངས་སྤྱི་འབོར་གྱི་26.6%ཟིན་ཡོད།

འདི་ནི་ཟླ་8ཚེས་5ཉིན་པར་བརྒྱབ་པའི་ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་སུའེ་ཧྥུན་ཧོ་གཙང་པོའི་འབབ་ཚུགས་བྱང་མ་ཡིན་པ།