《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月08日

ས་མཐོར་རྐང་འཁོར་བཞོན་ནས་མཐར་ཟད་འགྲན་བསྡུར་ལ་ཞུགས་པ།

ཟླ་8ཚེས་6ཉིན། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་འགོ་ཚུགས་པ་རེད། སྐབས་འདིའི་འགྲན་བསྡུར་ལ་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས། གཞིས་རྩེ་བཅས་འགྲན་དུམ་བཞི་རུ་དབྱེ་ཡོད་ཅིང་། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་420.58ཟིན་ཡོད་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་རྐང་འཁོར་རུ་ཁག་17འགྲན་བསྡུར་ནང་ཞུགས་པའི་ཡིད་དབང་བཀུག་ཅིང་། འདི་ནི་ཧྥི་ལི་ཕིན་གྱི་7-11ཀྲོའུ་དབར་གྱི་རུ་ཁག་2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོར་ཞུགས་བཞིན་པ།