ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་དངོས་ཟོག་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤྲད་པའི་དངོས་ཟོག་དེ་དག་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་བརྒྱབ་པ་དང་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དུད་ཚང་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་དུད་ཚང་86དང་མི་གྲངས་234ལ་ཀམ་པ་ལི་དང་འབྲས་སོགས་འཚོ་བའི་མཁོ་ཆས་སྤྲད་པ་རེད།
འདི་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དངོས་ཟོག་ལེན་བཞིན་པ།