《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月30日

པར་རིས་གསར་འགྱུར།

ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་གཉེར་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་ནང“རྩལ་ནུས་ལས་མདུན་ལམ་གསལ། ཤེས་ལྡན་པས་ཐོན་ལས་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྩལ་ནུས་ཤེས་ལྡན་པ་འཚར་ལོངས་ཡོང་བའི་ལས་སྟེགས་བཏོད་དེ“འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ”བཅས་སྟོན་ཕྱོགས་སུ་བྱས་པ་བརྒྱུད། རྩལ་ནུས་ཤེས་ལྡན་པར་འཇོན་ཐང་ངོམ་པ་དང་རྩལ་ནུས་འགྲན་སའི་ལས་སྟེགས་ཤིག་སྐྲུན་ཡོད། འདི་ནི་འགྲན་ཞུགས་བདམས་ཐོན་པས་རྩལ་ནུས་ངོམ་བཞིན་པ།