《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月30日

ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་28ཉིན་གནས་ཚུལ་འབྱོར་གསལ། 7ཚེས་27ཉིན། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི“ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོ་སྦྱོང་འཛིན་གྲྭ”ལྷ་སར་སློབ་འགོ་ཚུགས་པ་རེད།

རྫོང(གྲོང་ཁྱེར་དང་ས་ཁུལ)ཁག་གཅིག་གི་རིག་གནས་དང་ཡུལ་སྐོར་ལས་དོན་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་འཕྲད་པའི“ཇི་ལྟར་སྒྲུབ་དགོས་མིན་དང་གང་སྒྲུབ་དགོས་མིན་མི་ཤེས་པའི”དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས“ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོ་སྦྱོང་འཛིན་གྲྭར”ཐོན་ལས་ཀྱི་སྲིད་ཇུས་གསལ་འགྲེལ་དང་། མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་དོད་པོས་བེད་སྤྱོད། གྲངས་རིག་ཅན་འཕེལ་རྒྱས། ལས་རྣམ་གསར་པ་གཏོད་པ་དང་རིག་གནས་དང་ཡུལ་སྐོར་གྱི་IPའཛུགས་པ་སོགས་རྣམ་པ་འདྲ་མིན་གྱི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། རིག་གནས་དང་ཡུལ་སྐོར་པུའུ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་། ཐུང་ཅི་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་ཅན་ཆེད་མངགས་གདན་དྲངས་ཏེ་སློབ་ཚན་ཁྲིད་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་ས་གནས་ས་ཐོག་ཏུ་ལག་ལེན་དང་ཉམས་མྱོང་མཉམ་སྤྱོད་བྱེད་པར་བཀོད་སྒྲིག་བྱས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཀྱིས་ཞུས)