《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月17日

ཧོ་ནན་གྱི་ཤིས་ཕིང་དུ་ཞིང་ཁར་ཆུ་གཏོར་བ།

ཉིན་ཤས་བསྟུད་མར། ཧོ་ནན་ཞིང་ཆེན་དུ་ཚ་བ་ཆེ་བའི་གནམ་གཤིས་རྒྱུན་མཐུད་བསྟན་པ་དང་། སྟོན་ཀའི་འབྲུ་རིགས་དང་བཟའ་སྣུམ་གྱི་ལོ་ཏོག་རྒྱུན་གཏན་ངང་ཐོན་སྐྱེད་བྱེད་པར་འགན་སྲུང་བྱ་ཆེད། ཀྲུའུ་མ་ཏེན་གྲོང་ཁྱེར་ཤིས་ཕིང་རྫོང་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཚན་རིག་དང་མཐུན་པའི་ངང་ཆུ་ཁུངས་བཀོད་གཏོང་གིས་སྟོན་ཁའི་ལོ་ཏོག་ལ་ཆུ་དྲངས་ནས་ཐན་སྐྱོན་མི་ཡོང་བར་བྱས་ཡོད།

འདི་ནི་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་ཤིས་ཕིང་རྫོང་ལའོ་ཝང་ཕོའི་ཚད་གཞི་མཐོ་བའི་ཞིང་ཁའི་དཔེ་སྟོན་ཁུལ་དུ་ཆུ་གཏོར་སྒྲིག་ཆས་ཀྱིས་མ་རྨོས་ལོ་ཏོག་གི་ཞིང་ཁར་ཆུ་གཏོར་བཞིན་པ།