《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月15日

མིག་སྔར། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཆུས་སུ་གནས་པའི་ཁུག་ཆེན་ཁུལ་གྱི་ཚན་རིག་གླེང་སྟེགས་ཀྱི་ཡུན་གནས་ཚོགས་རའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། རིག་གཞུང་ལྟེ་གནས་དང་ཚན་རྩལ་ཁང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཁང་པའི་ཐོག་ངོས་སུ་ལྕགས་བཏིངས་ཚར་ཉེར་ཡོད་པ་རེད། ཁུག་ཆེན་ཁུལ་གྱི་ཚན་རིག་གླེང་སྟེགས་ཀྱི་ཡུན་གནས་ཚོགས་རའི་རྣམ་གྲངས་ལ་གློག་སྒྲོན་ཚོད་ལྟ་གཅིག་རྗེས་གཉིས་མཐུད་ངང་བྱེད་བཞིན་ཡོད། འདི་ནི་ཁུག་ཆེན་ཁུལ་གྱི་ཚན་རིག་གླེང་སྟེགས་ཀྱི་ཡུན་གནས་ཚོགས་རའི་རྣམ་གྲངས་སྐྲུན་ཡུལ་ཡིན་པ།

དབྱར་གསེང་བཞག་པ་དང་བསྟུན་ནས་ཤིན་ཅང་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཞིང་། ཐེན་ཧྲན་རྫིང་ཆུ་ནས་ཁ་ཧྲི་གནའ་གྲོང་བར་དང་། སེ་ལི་མུའུ་མཚོ་ནས་ནཱ་ལཱ་ཐི་རྩྭ་ཐང་བར་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོར་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་། ས་གནས་ཁག་གིས་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་ལེགས་སུ་གཏོང་བཞིན་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་ཤིན་ཅང་བྱང་རྒྱུད་མཚོ་འགྲམ་གྱི་སྤྲོ་གསེང་ཁུལ་ཆེ་ཤོས་ཝུའུ་ལོན་ཀུའུ་མཚོའི་མཚོ་ངོགས་ཀྱི་མཛེས་ལྗོངས་ཁུལ་དུ་མཚོ་ཐོག་རྣམ་གྲངས་ཉམས་ལེན་བྱེད་བཞིན་པ།