《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月15日

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཁེ་ལུང་བེའུ་སྐྱེ་འཕེལ་གྱི་ལས་དོན་བདེ་བླག་སྒྲུབ་པ།

འདི་ནི་ཟླ་7ཚེས་11ཉིན། བོད་ལྗོངས(འདམ་གཞུང)འབྲོང་ཁམ་པ་གསོ་སྤེལ་རྟེན་གཞིར་ལས་དོན་མི་སྣས་ཁེ་ལུང་བེའུ་ལ་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་ཟླ་7ཚེས་10ཉིན་པར་བླངས་པའི་བོད་ལྗོངས(འདམ་གཞུང)འབྲོང་ཁམ་པ་གསོ་སྤེལ་རྟེན་གཞིར་གྲོད་པ་བཤགས་ནས་བཙས་པའི་ཁེ་ལུང་བེའུ་དང་སྐྱེ་བསུ་བྱེད་མཁན་གྱི་ལས་དོན་མི་སྣ་ཡིན་པ།

འདི་ནི་ཟླ་7ཚེས་11ཉིན། བོད་ལྗོངས(འདམ་གཞུང)འབྲོང་ཁམ་པ་གསོ་སྤེལ་རྟེན་གཞི་ ནས་པར་བརྒྱབ་པའི་ཁེ་ལུང་བེའུ་ཡིན་པ།

གསར་འགོད་པས་ཟླ་7ཚེས་11ཉིན་བོད་ལྗོངས(འདམ་གཞུང)འབྲོང་ཁམ་པ་གསོ་སྤེལ་རྟེན་གཞི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་10ཉིན་གྱི་ཉིན་དགུང་ཆུ་ཚོད་12དང་སྐར་མ་40ལ། རྟེན་གཞི་དེར་གྲོད་པ་གཤགས་ནས་བཙས་པའི་ཁེ་ལུང་བེའུ་ཐོག་མ་དེའི་ལྗིད་ཚད་ལ་སྤྱི་རྒྱ་33.5ཡོད་པ་རེད། སྐྱེས་མ་ཐག་པའི་ཁེ་ལུང་བེའུ་དེ་རྒྱུན་གཏན་གྱི་བེའུ་ལས་གཟུགས་སྟོབས་ཅུང་ཆེ་བ་དང་། སྤུ་མདོག་ནག་པོ་ཡིན་པ། འགྲོ་སྐྱོད་ཡག་པོ་ཐུབ་ཅིང་། མིག་སྔར་ལུས་པོའི་གནས་ཚུལ་ཡག་པོ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་དེ་ནི་ཀྲེ་ཅང་སློབ་ཆེན་ཧྥང་ཧྲེང་གོ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་མཉམ་དུ་འགག་སྒྲོལ་བྱས་ནས་ཐོབ་པ་ཞིག་རེད། 2023ལོའི་ཟླ་7པ་ནས་བཟུང་གི་ལོ་གཉིས་རིང་། ཚན་ཞིབ་མི་སྣས་ས་མཐོར་གསོ་རླུང་མི་འདང་བ་དང་ཚོད་ལྟའི་སྒྲིག་ཆས་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། གཞི་རྒྱུའི་ཚོ་ནས་གདམ་གསེས་དང་ལུས་པོའི་ཕྲ་ཕུང་རྒྱུད་བཤུས་ཀྱི་མཉམ་འདུས་ལག་རྩལ་བརྒྱུད་ཁེ་ལུང་གི་བེའུ་ཐོག་མ་དེ་སྐྱེད་སྲིང་བྱས་ཡོད།