《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月15日

བྱིས་པས་ཞབས་བྲོ་འཁྲབ་ནས་རྟེན་འབྲེལ་ཆེ་མོ་བསུ་བ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཤར་གྲོང་ཡན་ལག་ཁང་གིས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་མཉམ་དུ་རིག་རྩལ་མཉམ་འཁྲབ་དང་2025ལོའི་འཛིན་གྲྭ་ཆེ་བའི་ཕྲུ་གུའི་སློབ་ཐོན་མཛད་སྒོ་འཚོགས་ཤིང་། ཕྲུ་གུ་ཚོས་ཞབས་བྲོ་དང་། ཤོམ་འགྲོས། གྱེར་འདོན་སོགས་ཀྱི་རྣམ་པ་བརྒྱུད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཤར་གྲོང་ཡན་ལག་ཁང་གི་འཛིན་གྲྭ་འབྲིང་བའི་སློབ་རིམ་ཞབས་བྲོའི་རུ་ཁག་གིས་ཞབས་བྲོ《འཇོ་སྒེག་གར་བརྒྱ་མ》འཁྲབ་བཞིན་པ།