ཉེ་ཆར། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་རང་སྐྱོང་ལྗོངས་ས་ཆའི་སློབ་ཚོགས་དང་མཉམ་དུ“ས་ཆ་གྲོན་ཆུང་དང་ས་ཞིང་ལེགས་སྤྱོད། རྨོ་ཞིང་གི་དམར་ཐིག་བརྟན་པོར་སྲུང་བ”“ལོ་བཅུའི་བདེན་དཔང་། བདག་དབང་ལ་སྲུང་སྐྱོང་། དམངས་ཆེད་ཐོ་འགོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། སྤྱི་ཚོགས་ཡོངས་ལ་ས་ཆ་གྲོན་ཆུང་དང་ས་ཞིང་ལེགས་སྤྱོད། དེ་བཞིན་རྨོ་ཞིང་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་པ་རེད། འདི་ནི་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།