《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月04日

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་གྱིས་མཉམ་ལས་ཁང་དང་ཞིང་དུད་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གྲུབ་པར་བྱེད་པ་དང་། ཡུལ་མི་ཚོར་ཁང་པའི་རྒྱབ་མདུན་གྱི་ས་སྟོང་ལ་ཀྭ་རིགས་ཤིང་ཏོག་དང་སྔོ་ཚལ་འདེབས་པ་དང་། ལྡུམ་རའི་སྡོང་ཕྲུག་གསོ་ར། བྱ་གག་བྱ་དེ་གསོ་ཚགས། དམངས་སྲོལ་ཐོན་རྫས་བཟོ་བ་བཅས་ལ་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ་སྒོ་ར་ཆུང་ཆུང་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལྡུམ་རར་འགྱུར་བཞིན་ཡོད། འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ཡུལ་མིས་ཁང་པའི་མདུན་གྱི་སྔོ་ཚལ་དྲོད་ཁང་ཆེན་པོར་ལོ་ཏོག་གི་སྐྱེ་འཚར་ལ་ལྟ་བཞིན་པ།