རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་34པའི་རིང་། ལྷ་ས་ཁྲལ་དོན་ཁོངས་གཏོགས་ཀྱིས“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། དྲང་གཞག”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། བྱ་ཐབས་གསར་གཏོད་བྱེད་པ་དང་། ཕྱོགས་མང་པོའི་ཐད་ནས་ཤུགས་རྒྱག་པ། ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཚོང་དུད་དང་། སློབ་གྲྭ སྡེ་ཁུལ་བཅས་སུ་ཁྲལ་བསྡུའི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། ཁྲལ་བསྡུའི་ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་པར་སྐུལ་འདེད་བཏང་བ་རེད།