《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月25日

པར་རིས་གསར་འགྱུར།

འདི་ནི་འགྲེམས་ཚོགས་ལ་ཞུགས་མཁན་སྐུ་མགྲོན་གྱིས་ཉིང་ཁྲིའི་ཁེ་ལས་ས་ནས་ཚོང་ཟོག་རྒྱུས་ལོན་བྱེད་བཞིན་པ།

འདི་ནི་རྣམ་གྲངས་ཀྱི་གན་རྒྱ་འཇོག་ཡུལ་ཡིན་པ།

ཉིན་ཤས་གོང་། “ལག་གདང་སྦྲེལ་ནས་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་གཉེར”ཞེས་པའི་2025ལོའི་ཀོང་ཏུང(ཏུང་ཀོན)དང་བོད་ལྗོངས(ཉིང་ཁྲིའི)ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་དུ་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་དང་། དཔལ་འབྱོར་གསར་སྤེལ་ཁུལ། རིག་གནས་ཡུལ་སྐོར་ཅུས་སོགས་ཚན་པས་ཉིང་ཁྲིའི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་། ཐོན་ལས་མ་འཇོག་གི་ལེགས་ཆ། ཚོང་གཉེར་ཁོར་ཡུག་གི་ཁྱད་ཆོས་བཅས་ཆེད་དོན་ངོ་སྤྲོད་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)7དང་ཁེ་ལས་16གི་འཐུས་མིས་མཉམ་འབྲེལ་ཐོག་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་བར་གྲོང་མི་དང་ཁེ་ལས་མཐུན་ཚོགས་ཀྱི་འཐུས་མི་མང་པོ་དེ་གར་ལྟ་སྐོར་དང་ཉོ་སྒྲུབ་བྱེད་པར་སླེབས་ཡོད།