འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། སྦྲག་སྲིད་དོ་དམ་ཅུས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་དང་མཉམ་དུ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་ཁེ་དབང་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་འབྲེལ། ལོ་ཕྱེད་ཀྱི་དུས་ཚོད་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁག་གཅིག་གི་ངལ་རྩོལ་ཁེ་དབང་འགན་སྲུང་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་པ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་་དམིགས་ཡུལ་ནི་ལས་སྟེགས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་མི་བཀོལ་སྤྱོད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལས་ཞུགས་དང་། ངལ་རྩོལ་གླ་ཆ། ངལ་གསོ། ངལ་རྩོལ་བདེ་འཇགས། ལས་རྨས་འགན་སྲུང་སོགས་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ། ངལ་རྩོལ་པར་དེ་བས་དྲང་གཞག་དང་། དྲང་བདེན། བདེ་འཇགས་བཅས་ཀྱི་ལས་ཞུགས་ཁོར་ཡུག་གཏོད་པ། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་དེ་བས་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་ཡོད་པ་བཅས་བྱས་ཏེ། ལས་ཞུགས་རྣམ་པ་གསར་པར་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དེ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སོགས་ལ་དམིགས་ནས་ཞབས་ཞུའི་འགན་སྲུང་བྱ་ཐབས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། ལས་ཞུགས་གསར་པའི་ངལ་རྩོལ་པའི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་གང་ལེགས་ཐུབ་པར་རམ་འདེགས་བྱེད་རྒྱུ་རེད། བྱ་སྤྱོད་སྤེལ་རིང་། རྨང་གཞིའི་ལས་མི་བཀོལ་སྤྱོད་ཆ་འཕྲིན་གྱི་ཟུར་བཙུགས་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལས་ཞུགས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། གནད་སྨིན་ཇུས་འདོན་བྱེད་པར་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱེད་རྒྱུ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)