འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་6ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚན་རིག་དང་མཐུན་ལ་གཟབ་ནན་གྱི་དཔྱད་འདེམས་གོ་རིམ་བརྒྱུད་ཁྲུང་ཁྲུང་སྐེ་ནག་ལྷ་ས་གྲོང་ཁྱེར་གྱི“གྲོང་བྱར”བདམས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི“གྲོང་བྱ”དཔྱད་འདེམས་བྱེད་སྒོ་2024ལོའི་ཟླ་11པར་སྤེལ་འགོ་ཚུགས་པ་དང་། རིགས་གཅིག་མཁས་ཅན་ཞིབ་དཔྱད་ཨུ་ལྷན་གྱིས་འདབ་ཆགས་ཀྱི་སྟོངས་ཉེའི་ཚད་དང་། སྐྱེ་ཁམས་ཀྱི་རིན་ཐང་། རིག་གནས་བརྒྱུད་བསྒྲགས་ཀྱི་མི་མངོན་པའི་ནུས་པ་སོགས་ནས་ཕྱོགས་བསྡུས་ཞིབ་དཔྱད་བྱས་པ་དང་སྤྱི་དམངས་ཀྱི་འདེམས་ཤོག་འཕངས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་ལྷ་ས་གྲོང་ཁྱེར་གྱི“གྲོང་བྱར” བདམས་ཤིང་། དེའི་སྐོར་ལ་2025ལོའི་ཟླ་2ཚེས་21ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།