2025ལོའི་ལྷོ་ཁ་གྲོང་ཁྱེར་གྱི“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོ་ལྷུན་རྩེ་རྫོང་དུ་སྤེལ་འགོ་ཚུགས་པ།
འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ལྷོ་ཁ་གྲོང་ཁྱེར་གྱི“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོ་ལྷུན་རྩེ་རྫོང་དུ་སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་ཆེད་རེད།
བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། ཚན་རིག་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་དང་ཚན་རིག་ཁྱབ་གདལ་ཤེས་བྱའི་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱིས་མང་ཚོགས་མང་པོའི་ཡིད་དབང་འཕྲོག་ཡོད། ཞིང་སྤྱོད་མི་མེད་གནམ་གྲུའི་བྱེད་ནུས་འགྲེམས་སྟོན་བྱས་པར་མི་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ་པ་དང་དེ་བཞིན་ལྷུན་རྩེ་རྫོང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ད་དུང་ཚན་རིག་ཁྱབ་གདལ་གྱི་བྱ་སྤྱོད་རབ་དང་རིམ་པ་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། ལྷུན་རྩེ་རྫོང་དུ“དགོན་སྡེར་ཚན་རིག་ཁྱབ་གདལ་གཏོང་བ”ཞེས་པ་དང“གྲོང་གསེབ་ཏུ་ཚན་རིག་ཁྱབ་གདལ་གཏོང་བ”ཞེས་པའི་ཚན་རྩལ་ཉམས་ལེན་བྱེད་སྒོ་གཞི་རིམ་དུ་སྤེལ་རྒྱུ་དང་། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་གཞན་དག་ཏུ་སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།