འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲིའི་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སི“ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་ཁྲིད་ཁེ་ལས”ཀྱི་མིང་གཞུང་ཁག་དང་པོར་ཚུད་པ་དེ་ལྗོངས་ཡོངས་སུ་གཟི་བརྗིད་མཚན་སྙན་འདི་ཐོབ་མཁན་ཇ་ལོའི་ཁེ་ལས་འབའ་ཞིག་ཡིན་པ་རེད།
“ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་ཁྲིད་ཁེ་ལས”ཀྱི་མཚན་སྙན་ནི་ཀྲུང་གོ་ཞིང་ལས་གྲོང་གསེབ་པུས་སྣེ་ཁྲིད་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། ཚོང་དོན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཧྲེ་སོགས་རྒྱལ་ཁབ་པུའུ་ཨུད་བརྒྱད་ཀྱིས་མཉམ་དུ་དཔྱད་ཞིབ་གཏན་འཁེལ་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ཞིང་ལས་ཁེ་ལས་ཁོངས་གཏོགས་ཀྱི་གཟི་བརྗིད་མཚན་སྙན་རིམ་པ་མཐོ་ཤོས་དེ་ཡིན་པ་རེད།
(དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)