འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན། དྲུག་ལྔ་ཁོར་ཡུག་ཉིན་མོར་སྐྱིད་ཆུ་སྲུང་སྐྱོང་བྱ་སྤྱོད་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཀྲུང་ཧྭའི་རིག་གནས་སྤྱི་གླིང་གི་སེམས་མཐུན་ཐང་ཆེན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་འགོ་ཚུགས་མཛད་སྒོར་ཞུགས་ནས་བྱེད་སྒོ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
ཝེ་ཤིའུ་ཁྲང་གིས་ནན་བཤད་གནང་དོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་དང་། རིམ་ཁག་སྡེ་ཚན་ཁག་གི་ཐུན་མོང་གི་འདུན་པ། སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་འགན་འཁྲི་བཅས་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་མཐའ་གཅིག་ཏུ་དོན་འཁྱོལ། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བཅས་བྱས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་དང་། ཁོར་ཡུག་སྤུས་ཚད་བརྟན་གཏོང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བཅས་བྱེད་པ་བརྒྱུད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་པོ་དང་། གནས་བབ་སྔར་བས་བརྟན་པོ། སྲུང་བཅད་སྔར་བས་སྲ་བརྟན་བཅས་ཡོང་བའི་འགན་ལེན་བྱེད་དགོས།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)