ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་རྫོང་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་དང་ནགས་ཚལ་ཉེན་རྟོག་རུ་ཆེན་དང་མཉམ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ཕྱོགས་གཉིས་པོས་མེ་གསོད་རོགས་སྐྱོབ་དཔུང་ཁག་དང་སྤྱི་བདེ་སྡེ་ཚན་གྱིས་འཕྲལ་སྡོམ་རོགས་སྐྱོབ་དང་། མངོན་མེད་རྐྱེན་ངལ་གྲལ་བཤེར། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ཐད་སྔར་བས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས“1+1>2”ཀྱི་མཉམ་འགུལ་ནུས་པ་ཞིག་ཆགས་པར་བྱས་ནས་དུས་བདེ་སྲུང་བའི་འཛིང་རགས་བརྟན་པོ་ཞིག་མཉམ་དུ་བཏོད་པ་རེད།