གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཡིན། ཞིང་ལས་ནི་མི་འབོར་དུང་ཕྱུར་གཉིས་ཙམ་ལས་ཞུགས་ཐུབ་པའི་ཐོན་ལས་ཤིག་ཡིན་པ་དང་གྲོང་གསེབ་ནི་ཞིང་པ་དུང་ཕྱུར་5ཙམ་རྒྱུན་སྡོད་ཀྱི་ཁྱིམ་གཞིས་ཡིན། ཞིང་པ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་མཁན་གཙོ་བོ་ཞིག་དེ་བས་ཀྱང་ཡིན། དུས་ཡུན་རིང་པོར། རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ལ་གསོན་ཤུགས་རྒྱས་པ། ཞིང་པར་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་བཏང་བས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
མིག་སྔར། ས་གནས་ཁག་གིས་མུའུ་རེའི་ཐོན་འབབ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་བོར་བཟུང་ནས་ས་ཞིང་གཤིན་པོ་དང་། ས་བོན་བཟང་པོ། གོ་སྐབས་བཟང་པོ། ཐབས་ཤེས་བཟང་པོ་བཅས་ལ་བརྟེན་ནས་འབྲུ་རིགས་བཏབ་ཡོད། ས་གནས་ཀྱི་གནས་ཚུལ་དང་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “མི་དང་། ས་ཞིང་། མ་དངུལ”སོགས་གྲོང་གསེབ་ལ་གཅིག་སྡུད་ཡོང་གང་ཐུབ་བྱས་ཡོད། སྤྱི་ཚོགས་ཧྲིལ་པོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་རྒྱ་ཆེའི་ཞིང་པའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
《མི་དམངས་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)