《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月04日

སྣེ་གདོང་ཆུས་དངོས་ཟོག་གྲབས་གསོག་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་གྲངས་དངོས་སུ་བསྐྲུན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣེ་གདོང་ཆུས་མི་དམངས་སྲིད་གཞུང་གིས་ལྷོ་ཁ་གྲོང་ཁྱེར་ཏ་ཡོན་མཛོད་ཉར་ཚད་ཡོད་འགན་འཁྲི་ཀུང་སི་དང་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་བཞག་པ་དེ་ལས་ཁྱོན་བསྡོམས་མ་རྩ་སྒོར་ཁྲི་7000བཏང་བའི་དངོས་ཟོག་གྲབས་གསོག་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་གྲངས་དངོས་སུ་བསྐྲུན་འགོ་ཚུགས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཏ་ཡོན་མཛོད་ཉར་ཚད་ཡོད་འགན་འཁྲི་ཀུང་སིས་སྣེ་གདོང་ཆུས་སུ་ལྷོ་ཁ་གྲོང་ཁྱེར་དངོས་ཟོག་གྲབས་གསོག་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་གྲངས་བསྐྲུན་ཏེ་རིགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་གྱིས་དངོས་ཟོག་གྲབས་གསོག་དང་། ཟོག་འགྲེམས་སྡེབ་སྐྱེལ། ཆ་འཕྲིན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་ཞིག་གཏོད་རྩིས་ཡོད་པ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས། སྣེ་གདོང་ཆུས་ཀྱི་དངོས་ཟོག་གྲབས་གསོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་འགྲེམས་ལས་ཕྱོད་ཆེ་རུ་གཏོང་བ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། དེས་ཐོན་ལས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། ལས་ཞུགས་གོ་སྐབས་དེ་བས་མང་དུ་གཏོང་བ་བཅས་ལ་ཕན་ཐོགས་བྱུང་སྟེ། སྣེ་གདོང་ཆུས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཤུགས་ཆེན་ཐུབ་རྒྱུ་རེད།

(བསྟན་བློས་བསྒྱུར། པད་ཆོས་དང་བསྟན་བློས་ཞུས)