《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月03日

ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱེད།

འདི་ནི་ཟླ་5ཚེས་31ཉིན་འཁྲབ་སྟོན་པས་འགོ་ཚུགས་ལེ་ཚན《གཞོན་ནུ་སྟོབས་ཆེ་ན་ཀྲུང་གོ་སྟོབས་ཆེ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་ཟླ་5ཚེས་31ཉིན་འཁྲབ་སྟོན་པས་ཞབས་བྲོ《རྟེན་མཛོད་ཁང་གི་ངོ་མཚར་ཆེ་བའི་མཚན་མོ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་ཟླ་5ཚེས་31ཉིན་འཁྲབ་སྟོན་པས་ཟློས་གར《དུ་ཞག་ཁྲོད་ཀྱི་སྒྲོན་མེ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

ཟླ་5ཚེས་31ཉིན། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོ་ཕན་བདེ་ཚོགས་པ། རྒྱལ་ཁབ་ཟློས་གར་ཁང་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2025ལོའི“ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱེད”དང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད། འཁྲབ་སྟོན་འདིར་ལེའུ་བཞི་ཡོད་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གཞོན་ནུ་དང་ལོ་ཆུང་བྱིས་པ་སྟོང་ཕྲག་ལྷག་ཙམ་གྱིས་མཉམ་གཞས་དང་། གྱེར་འདོན། ཟློས་གར། ཞབས་བྲོ། རོལ་ཆ་དཀྲོལ་གཏོང་། དྲག་རྩལ། རྩལ་རྩེད། མངོན་མིན་རིག་གནས་ཤུལ་བཞག་སོགས་ཕུན་སུམ་ཚོགས་པའི་རྣམ་པ་དང་གསར་རྩོམ་ལེ་ཚན་སྒྲིག་འགོད་བྱས་པ་བརྒྱུད། དུས་རབས་གསར་པའི་ལོ་ཆུང་བྱིས་པའི་ཧུར་བརྩོན་ཡར་རྒྱས་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།