ཉམས་ཞན་ལ་རོགས་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སྔར་བས་དར་སྤེལ་གཏོང་བ་དང་། དམིགས་བསལ་བྱིས་པར་སེམས་ཁུར་དང་རོགས་རམ་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་དང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།