《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月02日

མེ་ཏོག་སྐལ་བཟང་བ་སྤྲུའི། བསུང་ངད་མཉམ་དུ་འཐུལ་བ།

འདི་ནི་སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན་གྱི་ཅི་ཤིན་སློབ་ཁང་ཆེ་མོའི་ཚོགས་པས་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་ལྟེ་བའི་སློབ་ཆུང་དུ་རིག་གནས་སྤེལ་རེས་བྱེད་བཞིན་པ།

འདི་ནི་སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན་གྱི་སློབ་གྲྭ་ཆེ་མོ་བས་ལྷུན་གྲུབ་རྫོང་གི་སློབ་མ་དང་མཉམ་དུ་རི་མོ་འབྲི་བཞིན་པ།

འདི་ནི་སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན་གྱི་སློབ་གྲྭ་ཆེ་མོ་བ་དང་ལྷུན་གྲུབ་རྫོང་གི་སློབ་མས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

འདི་ནི་ལྷུན་གྲུབ་རྫོང་གི་སློབ་མས་སུའུ་ཀྲོའུ་ལས་རིགས་སློབ་ཆེན་གྱི་དགེ་རྒན་གྱིས་མཛུབ་ཁྲིད་བྱས་པའི་ལག་ཤེས་བརྩམས་ཆོས་སྟོན་བཞིན་པ།

—— ལྷུན་གྲུབ་རྫོང་སློབ་གསོ་ལས་དོན་ཨུ་ལྷན་གྱིས་སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན་དང་མཉམ་དུ“མཛེས་དཔྱད་སློབ་གསོ་དང་བསམ་བློ་ཆབ་སྲིད་ཟུང་དུ་འབྲེལ་བའི”མཉམ་འདྲེས་མི་སྐྱོང་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།

2024ལོ་ཚུན། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པའི་མཚམས་སྦྱོར་འབྲེལ་མཐུད་འོག་ལྷུན་གྲུབ་རྫོང་སློབ་གསོ་ལས་དོན་ཨུ་ལྷན་གྱིས་སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན(གཤམ་དུ“སུའུ་ཀྲོའུ་ལས་རིགས་སློབ་ཆེན”ཞེས་བསྡུ་རྒྱུ)དང་མཉམ་དུ་ཡུལ་བབ་དང་བསྟུན་ནས“མཛེས་དཔྱད་སློབ་གསོ་དང་བསམ་བློ་ཆབ་སྲིད་ཟུང་དུ་འབྲེལ་བའི”མཉམ་འདྲེས་མི་སྐྱོང་ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། དངོས་ཡོད་དང་། ཚོར་ཡོད། ཕན་ཡོད་གསུམ་གྱི་ཐད་ཤུགས་ཧུར་ཐག་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྤེལ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།

སློབ་གསོའི་བོད་སྐྱོར་ནི་སུའུ་ཀྲོའུ་ཡིས་ལྷུན་གྲུབ་རྫོང་ལ་བོད་སྐྱོར་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཏང་གིས་སློབ་གསོའི་བོད་སྐྱོར་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པའི་མཐུན་སྦྱོར་འབྲེལ་མཐུད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ལྷུན་གྲུབ་རྫོང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།

ལྷུན་གྲུབ་རྫོང་སློབ་གསོ་ལས་དོན་ཨུ་ལྷན་གྱིས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་སྟངས་འཛིན་ནན་པོ་བྱས་ནས། སུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པའི་འབྲེལ་མཐུད་མཐུན་སྦྱོར་འོག་སུའུ་ཀྲོའུ་ལས་རིགས་སློབ་ཆེན་དང་མཉམ་དུ་མཐོ་རིམ་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། གྲོང་གསེབ་སློབ་ཆུང་གི“སློབ་གསོ་ལྔ་མཉམ་སྤེལ”གྱི་གནད་དོན་ལ་དམིགས་ཏེ“མཛེས་དཔྱད་སློབ་གསོ་དང་བསམ་བློ་ཆབ་སྲིད་ཟུང་དུ་འབྲེལ་བའི”མཉམ་འདྲེས་མི་སྐྱོང་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད། ལྷུན་གྲུབ་རྫོང་གི་གྲོང་གསེབ་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སུའུ་ཀྲོའུ་ལས་རིགས་སློབ་ཆེན་གྱིས《དུས་རབས་གསར་པར་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིབ་ཟབ་སྤེལ་བའི་མཛུབ་ཁྲིད་རྩ་གནད》ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། གོ་དོན་དང་གཞུང་འཁྱོངས་ཀྱི་གཙོ་གནད་གཉིས་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་མི་རིགས་ས་ཁུལ་གྱི་གྲོང་གསེབ་སློབ་ཆུང་དུ་བསམ་བློ་ཆབ་སྲིད་ཀྱི་མི་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་བརྩི་བ། སློབ་ཆུང་གི་མཛེས་དཔྱད་སློབ་གསོ་གཏིང་ཟབ་སྤེལ་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དེ་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དང་བྱ་ཐབས་ནུས་ལྡན་ལ་བརྩི་བ། ལེགས་ཆའི་ཐོན་ཁུངས་གཅིག་སྡུད་བྱེད་པ། སྔ་རྗེས་སུ་མི་སྣ་སྒྲིག་འཛུགས་ཀྱིས་ལྷུན་གྲུབ་རྫོང་དུ་བསྐྱོད་དེ་སློབ་ཚན་གྱི་དུས་འགོའི་བགྲོ་གླེང་ཐེངས་10ལྷག་ཙམ་སྤེལ་བ། ཆེད་ལས་དགེ་རྒན་3སྐོང་འཐེན་བཅས་བྱས་ནས“རྒན་པས་གཞོན་པ་ཁྲིད། མེ་ཏོག་སྐལ་བཟང་བ་སྤྲུའི། བསུང་ངད་མཉམ་དུ་འཐུལ་བའི”ལྷུན་གྲུབ་རྫོང་དུ་བསྐྱོད་པའི་སློབ་སྐྱོར་ཚོགས་པ་བཙུགས་ཡོད། “བསམ་བློ་ཆབ་སྲིད་རྩ་བར་འཛིན་པ་དང་། མི་ཆོས་བཀོལ་སྤྱོད་དུ་བྱེད་པ། སྒྱུ་རྩལ་ཐབས་ལམ་དུ་བྱེད་པ”བཅས་ཀྱི་ཉིན་7གྱི“མཛེས་དཔྱད་སློབ་གསོ་དང་བསམ་བློ་ཆབ་སྲིད”ཀྱི་སྤུས་རྟགས་གསར་དུ་བཏོད་དེ། ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་300ལྷག་ཙམ་ལ་ཕྱོགས་ནས“མཛེས་རྩལ་དང་། ལག་ཤེས། རོལ་དབྱངས”སོགས་ཀྱི་སྣོལ་སྦྲེལ་མཉམ་འདྲེས་སློབ་ཚན་10ལྷག་ཙམ་བརྒྱུད“མཉམ་དུ་བསྟོད་གླུ་འབུལ་བ་དང་། མཉམ་དུ་གླུ་གཞས་གཏོང་བ། མཉམ་དུ་དཔེ་རིས་འབྲི་བ”བཅས་ཀྱི་གཏིང་ཟབ་རྣམ་པའི་མཛེས་དཔྱད་སློབ་གསོ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། མེས་རྒྱལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་། སུའུ་ཀྲོའུ་ཡི་སྲོལ་རྒྱུན་རིག་གནས། ཡུལ་འདི་གའི་མི་རིགས་རིག་གནས་སོགས་ཀྱི་ལྟེ་བའི་ཤེས་བྱའི་མ་ལག་སྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱས་ཏེ། མི་རིགས་ཁག་གི་དགེ་སློབ་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ཡོད།

འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཀུན་ནུས་ལྡེ་མིག་ཡིན་ལ། ཤེས་ལྡན་པ་ནི་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་པོ་དེ་རེད། ལྷུན་གྲུབ་རྫོང་སློབ་གསོ་ལས་དོན་ཨུ་ལྷན་དང་སུའུ་ཀྲོའུ་ལས་རིགས་སློབ་ཆེན་གྱིས་སློབ་གསོའི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་གནས་བབ་གལ་ཆེན་དུ་འཇོག་པ་དང་། ལྷུན་གྲུབ་རྫོང་གི་གྲོང་གསེབ་སློབ་ཆུང་ལ་ཤེས་ལྡན་པའི་དཔུང་ཁག་གཏོད་རོགས་བྱེད་པ་དེ་ལས་དོན་ཨང་དང་པོར་བརྩིས་ཏེ“སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གདན་འདྲེན་པ”དང“དགེ་རྒན་གྱིས་དྲ་ཐོག་ཏུ་སློབ་ཚན་ཁྲིད་པ”ཟུང་དུ་འབྲེལ་བའི་ཤེས་ལྡན་པའི་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས། གྲོང་གསེབ་སློབ་ཆུང་ལ་གཞིས་ཆགས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་རོགས་བྱས་ཡོད།

2025ལོར་སུའུ་ཀྲོའུ་ལས་རིགས་སློབ་ཆེན་གྱིས་ཕྱོགས་རྐྱང་པའི་རོགས་སྐྱོར་གཙོ་བོར་བྱེད་པ་ནས་ས་གནས་གཉིས་པོའི་མཉམ་འདྲེས་མཉམ་ལས་ལ་རིམ་བཞིན་འགྱུར་བར་བྱས་ཏེ། སློབ་གསོའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་རྒྱུ་རེད། “སློབ་ཚན་ཞིབ་སྤེལ་དང་ལྷུན་གྲུབ་ཀྱི་དོན་དངོས་ཟུང་དུ་འབྲེལ་བ”མུ་མཐུད་མཐའ་འཁྱོངས་བྱས་ནས། སུའུ་ཀྲོའུ་ཡི་སློབ་གསོའི་ཚན་ཞིབ་གསར་གཏོད་བྱེད་པོ་དང་མི་རིགས་ས་ཁུལ་གྱི་མི་སྐྱོང་གཙོ་རྒྱུ་མཉམ་སྒྲུབ་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད། ཐོན་ཁུངས་ཀྱི་མཉམ་འགུལ་དང་། སློབ་ཚན་གྱི་སྐུལ་འདེད། ཤེས་ལྡན་པའི་སྐུལ་ཁྲིད་བཅས་བརྒྱུད་གྲོང་གསེབ་སློབ་ཆུང་གི་སློབ་གསོ་སློབ་ཁྲིད་ཀྱི་རང་སྟོབས་ནུས་པ་ཆེ་རུ་གཏོང་བ་དང་། ས་གནས་གཉིས་པོ་དང་དེ་བཞིན་སློབ་གྲྭ་གཉིས་པོའི་མི་རིགས་ཁག་གི་དགེ་སློབ་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་སྟེ། སྤྱོད་གོ་ཆོད་པའི་བྱ་ཐབས་ལ་བརྟེན་ནས་དགེ་སློབ་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)