《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月01日

རྒྱལ་ཁབ་གློག་དྲ་བྲག་ཡིབ་ཆུས་གློག་འདོན་ཀུང་སིས།

མི་ཧྲེང་རྒན་རྒོན་ལ་བདེ་འཇགས་གློག་སྤྱོད་ཀྱི་ཞབས་འདེགས་ཞུས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་གློག་དྲ་བྲག་ཡིབ་ཆུས་གློག་འདོན་ཀུང་སིས་ཏང་ཡོན་ཞབས་ཞུའི་རུ་ཁག་དང་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་མི་ཧྲེང་རྒན་རྒོན་ལ་བདེ་འཇགས་གློག་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ཏེ་རྒན་རྒོན་ལ་བདེ་འཇགས་དང་དོ་ཁུར་ཡོད་པར་བྱས་ཡོད།

མི་ཧྲེང་རྒན་རྒོན་གྱི་གློག་སྤྱོད་བདེ་འཇགས་ཀྱི་འདུ་ཤེས་ཞན་པའི་ཁྱད་ཆོས་ལ་གཞིགས་ཏེ། ལས་དོན་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས། རྒན་རྒོན་ལ་བདེ་འཇགས་གློག་སྤྱོད་ཀྱི་རྒྱུན་ཤེས་དང་གློག་ཆས་བེད་སྤྱོད་གཏོང་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་གནད་ལ་གསལ་འགྲེལ་བརྒྱབ་ཏེ་རྒན་རྒོན་ལ་གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག་པ་དང་། ལག་པ་རློན་པར་གློག་ཆས་བེད་སྤྱོད་གཏོང་མི་ཉན་པ་སོགས་ཀྱི་དྲན་སྐུལ་བྱས་པ་མ་ཟད། ཆུ་ཚོད་24ཡི་རིང་ཞབས་འདེགས་ཞུ་བའི་ཁ་པར་ཨང་གྲངས་ཀྱང་བཞག་ནས་གློག་སྤྱོད་མི་ཐུབ་པའི་གནས་ཚུལ་འཕྲད་ཚེ་ཁོང་ཚོར་དུས་ཐོག་འབྲེལ་བ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)