《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月31日

འགྲན་བསྡུར་ལ་བརྟེན་ནས་བསམ་བློ་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ།

ཉེ་ཆར། “ལྷ་སའི་ལས་བཟོའི་རོགས་རེས་འགན་སྲུང་བུམ་པའི”བློ་རིག་ལུས་རྩལ་འགྲན་བསྡུར་དང་ལྗོངས་ཡོངས་ཀྱི་ལས་བཟོའི་རིག་གནས་ལུས་རྩལ་སྤེལ་རེས་འདེམས་སྒྲུག་འགྲན་བསྡུར་ལྷ་སར་གཉེར་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་མིག་མངས་དང་ཤོ་རྩེད་སོགས་བློ་རིག་ལུས་རྩལ་རྣམ་གྲངས་ཚུད་པ་དང་དེའི་དམིགས་ཡུལ་ནི་ལས་བཟོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་བཟོའི་རིག་གནས་ལུས་རྩལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ས་མཐོའི་ལས་བཟོའི་རིག་གནས་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་ཆེད་རེད།

འདི་ནི“ལྷ་སའི་ལས་བཟོའི་རོགས་རེས་འགན་སྲུང་བུམ་པའི”བློ་རིག་ལུས་རྩལ་འགྲན་བསྡུར་བྱ་ཡུལ་དུ་མིག་མངས་བདམས་ཐོན་པས་འགྲན་བསྡུར་མ་བྱས་གོང་རིག་ནུས་འཕྲུལ་མི་དང་མིག་མངས་འགྲན་བཞིན་པ།