ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ཨ་གྲགས་གྲོང་ཚོས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི“ལྷན་འཛོམས་གསོལ་སྟོན”བྱེད་སྒོ་སྤེལ་བ་རེད། གྲོང་མིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་ཇ་བསྲུབས་མ་དང་། ཤ་རྡོག་བཙོས། བྲ་བོའི་བག་ལེབ་སོགས་ཟས་ཀྱི་སྟོན་མོ་བཤམས་ནས་གངས་རི་འཁྱགས་ཀླུང་གི་གཤམ་དུ་གྲོང་པ་ཁྱིམ་མཚེས་དབར་གྱི་མཛའ་མཐུན་མཉམ་དུ་གླེང་བ་དང་མཐུན་སྒྲིལ་གྱི་བསྟོད་གླུ་མཉམ་དུ་བླངས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་གྲོང་མིས་རང་ཉིད་ཀྱིས་གསར་རྩོམ་བྱས་པའི《རྣམ་པ་གསར་པའི་གྲོང་གསེབ་བཅོས་སྐྱོང་གི“མན་ངག་གསུམ”》ཞེས་པ་འཁྲབ་པས་ཡ་རབས་སྲོལ་གསར་དང་མི་རིགས་མཛའ་མཐུན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།