ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཀྱིས“སེམས་མཐུན་ཞབས་བྲོ་འཁྲབ་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་། ཕན་ཚུན་ལག་གདང་སྦྲེལ་ནས་རྟེན་འབྲེལ་ཆེ་མོ་བསུ”བའི་སྐོར་བྲོ་འགྲན་བསྡུར་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚན་པ་ཁག་དང་སྡེ་ཁུལ་ཁག་ནས་ཡོང་བའི་འགྲན་ཞུགས་པ་ཚོས་བོད་ཆས་སྤྲས་ཏེ་འཇོ་སྒེག་ལྡན་པའི་ཉམས་འགྱུར་དང་རབ་ཏུ་འཁོལ་བའི་སྤྲོ་སེམས་ཀྱི་ཐོག་ནས་སྐོར་བྲོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོམ་པ་རེད། འདི་ནི་འགྲན་བསྡུར་བྱ་ཡུལ་དུ། འགྲན་ཞུགས་པ་ཚོས་སྐོར་བྲོའི་ཡིད་དུ་འོང་བའི་སྟངས་སྟབས་ངོམ་བཞིན་པ།