《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月27日

ཨ་ཀེན་ཐིན་སར་ཐཱ་ཞིང་ཆེན་གྱི་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་ཁག་བོད་ལྗོངས་སུ་ཡོང་ནས་ས་མཐོའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་མི་དང་མཛའ་གྲོགས་འགྲན་བསྡུར་བྱས་པ།

ཉེ་ཆར། ཧྲང་ཧའེ་བོད་སྐྱོར་ཚོགས་པའི་སྒྲིག་འཛུགས་འོག ཨ་ཀེན་ཐིན་སར་ཐཱ་ཞིང་ཆེན་གྱི་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་གི་རུ་མིས་བོད་ལྗོངས་སུ་ཡོང་ནས་གངས་ལྗོངས་ས་མཐོའི་གཞོན་ནུ་ལོ་ཆུང་ཚོ་དང་མཉམ་དུ་གཞིས་རྩེར་རི་ཀླུང་བརྒལ་བའི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱས་པ་རེད།

རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དེ་ནི་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་ལུས་རྩལ་སྤེལ་རེས་ཤིག་ཡིན་པ་མ་ཟད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་དམངས་སེམས་དབར་གྱི་སྤེལ་རེས་ཤིག་ཀྱང་ཡིན་པས། བོད་ཀྱི་གཞོན་ནུ་ལོ་ཆུང་གི་བསམ་པའི་ཉམས་འགྱུར་དང་ལུས་རྩལ་ལ་བཅངས་པའི་དགའ་ཞེན་མཚོན་ཡོད།

འདི་ནི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱ་ཡུལ་ཡིན་པ།