《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月26日

རང་ལྗོངས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ལ་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གྲོང་ཁྱེར(ཆུས)202ལ་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར(ཆུས)གྱི་མཚན་སྙན་དང་། གྲོང་ཚོ་དང་གྲོང་རྡལ་3316ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱི་མཚན་སྙན། ཚན་པ་4688ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི་མཚན་སྙན། ཁྱིམ་ཚང་798ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང་གི་མཚན་སྙན།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སློབ་གྲྭ་890ལ་རྒྱལ་ཡོངས་ཤེས་དཔལ་སློབ་གྲྭའི་མཚན་སྙན་བཅས་སྤྲོད་རྒྱུ་དང་། བློ་མཐུན(ཚོགས་པ)60ལ་སྐབས་དགུ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། བློ་མཐུན(ཚོགས་པ)239ལ་སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

དེའི་ནང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ལ་བདམས་པ་དང་། སྙེ་མོ་རྫོང་དར་རོང་གྲོང་རྡལ་སོགས་གྲོང་ཚོ་དང་གྲོང་རྡལ་36རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ལ་བདམས་པ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གསང་དོན་ཅུས་སོགས་ཚན་པ་87རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པར་བདམས་པ། ཕུར་གཡང་འཛོམས་ཀྱི་ཁྱིམ་ཚང་སོགས་ཁྱིམ་ཚང་13རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང་ལ་བདམས་པ། བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་སློབ་གྲྭ་12རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭར་བདམས་པ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ནོར་བུ་ཆོས་གྲགས་སོགས་མི་7ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་པ་རེད།

(ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)