《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月26日

“འཛམ་གླིང་ཡུལ་སྐོར་མནའ་འབྲེལ། ལྷ་ས་ཚོགས་མིའི་ཉིན་མོའི”བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར“འཛམ་གླིང་ཡུལ་སྐོར་མནའ་འབྲེལ། ལྷ་ས་ཚོགས་མིའི་ཉིན་མོའི”བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཤད་སྒྲ་སྒོ་ར་ཆེ་མོར་སྤེལ་བ་རེད།

ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོགས་མིའི་ཉིན་མོ་དེ“རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མཉམ་གནས་ལམ་བུའི”བརྗོད་དོན་གཙོ་བོར་དམིགས་ནས། མིག་སྔའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་འཕེལ་རྒྱས་ཕྱོགས་གཉིས་དབར་ཕན་ཚུན་མཐུན་རྐྱེན་སྦྱོར་བའི་འབྲེལ་བ་ཇི་ལྟར་ཆགས་པར་བགྲོ་གླེང་བྱས་པས། རིག་གནས་ཤུལ་བཞག་གི་གསོན་ཉམས་ལྡན་པའི་རྒྱུན་འཛིན་མངོན་འགྱུར་ཐུབ་པ་མ་ཟད། ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་ཀྱང་བསྣན་ཡོད།