《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月25日

རྩོམ་སྒྲིག་པའི་སྦྲགས་མཆན།

ལང་ཚོའི་མེ་ཏོག

ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་བཀྲ་ཤིས་དགའ་སྟོན་གྱི་ལོ་ཞིག་རེད། ལོ་60ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག བོད་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་གོང་འཕེལ། སྐྱེ་ཁམས་མཛེས་པ། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ཆེད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱི《རྩོམ་རིག་དགའ་ཚལ》གྱི་པར་ངོས་སུ་རྩོམ་པ་པོ་སྒེར་གྱི་མཐོང་སྣེ་གཙོ་བོར་བཟུང་སྟེ། ལོ་60ཡི་རིང་གི་རང་ལྗོངས་ཀྱི་སྤྱི་ཚོགས་འཕོ་འགྱུར་མཚོན་པའི“ང་ཚོའི་བགྲང་བྱ་དྲུག་ཅུ”ཞེས་པའི་ལེ་ཚན་བཀོད་སྒྲིག་ཞུས་ཡོད་པས། ཀློག་པ་པོ་ལྷན་རྒྱས་ནས་དགྱེས་གཟིགས་གནང་རོགས་ཞུ་རྒྱུ་དང་འབྲེལ། ང་ཚོར་ལྗགས་རྩོམ་གང་མང་བསྐུར་གནང་རྒྱུའི་རེ་བ་ཞུ་གི་ཡིན།