《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月24日

རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས(སྤྱི་ཁྱབ་བཟོ་ཚོང་ལྷན་ཚོགས)ཀྱི་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་བཟོ་ཚོང་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས(སྤྱི་ཁྱབ་བཟོ་ཚོང་ལྷན་ཚོགས)ཀྱི་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་བྱས་ཏེ“སྐྱོན་བྲལ་གཉིས”ཀྱི་ལས་ཀའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དང་། ཁེ་ལས་མཁས་པ་དང་། ཀྲུའུ་ཞི་གཞོན་པ། ཚོགས་གཙོ་གཞོན་པ་བཅས་ཀྱིས་རང་ངོས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་བ་དང་། རང་འགུལ་ངང་བྱས་རྗེས་བཞག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཡོང་བ་བཅས་བྱས་ཏེལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(ཚེ་དབང་ལྷ་མོས་བསྒྱུར། རིག་རྡོར་གྱིས་ཞུས)