《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱས་ནས་ཁྲིམས་འཛིན་གྱི་སྲུང་བཅད་བརྟན་དུ་བཏང་བ།

—— ལྷོ་ཁ་གྲོང་ཁྱེར་གྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་བཏང་བ།

འདི་ནི་འགྲེལ་བཤད་པ་ཆུང་ཆུང་གིས་ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ཨེ་པ་ཆུང་ངུའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་ཁྱིམ་ཚང་གི་གྲུབ་འབྲས་འགྲེལ་བཤད་རྒྱག་བཞིན་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ལྟ་སྐུལ་དང་། དྲ་མིག་བཅོས་སྐྱོང་། སྤྱི་ཚོགས་མཉམ་འགུལ”བཅས་ཀྱི་ལས་དོན་སྒྲུབ་སྟངས་གསར་དུ་བཏོད་ནས། 12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་སུ་བུད་མེད་དང་བྱིས་པའི་ཆེད་སྤྱོད་སྣེ་ལེན་སྐར་ཁུང་དང་12338བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ས་ཚིཌ་བཙུཌ་ཤིང་། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཁང་བཙུགས་ནས་བུད་མེད་དང་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞི་ཆེད་མངགས་བསྒྲུབས་ཏེ། ཁྲིམས་འཛིན་སྟོབས་ཤུཌ་ལ་བརྟེན་ནས་དམིགས་གཏན་འཁེལ་བའི་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བྱས་ཡོད། གསར་དུ་བཙུགས་པའི་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞིའི“གཅིག་འཐུས་རྣམ་པའི”བློ་འདྲི་ལྟེ་གནས་སུ“བློ་འདྲི་དང་། དཔང་ལེན། རོགས་སྐྱོབ”བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོའི་ལས་དོན་སྒྲུབ་སྟངས་འདུས་པ་དང་གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིར་འཁོར་འབྲེལ་ཧྲིལ་པོ་ནས་རོགས་སྐྱོབ་བྱེད་ཀྱི་ཡོད།

དེ་དང་དུས་མཚུངས་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔོན་ལ་ཐེ་ཞུགས་དང་། བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱི་ལྟ་ཞིབ་དོན་འཁྱོལ། སྡེ་ཚན་མང་པོས་མཉམ་དུ་མཉམ་འགུལ་ལམ་སྲོལ་འཛུགས་པ་སོགས་ཀྱི་གསར་གཏོད་རྣམ་པ་བརྒྱུད། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བཀག་འགོག སྔ་ཙམ་འགྲིག་མཐུན”བཅས་མངོན་འགྱུར་ཡོང་བར་བྱས་ཡོད།

“ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤུས་ཚད་ལེགས་ལ་ལས་ཕྱོད་ཆེན་པོས་འགན་འཁྲི་སྒྲུབ་པ་དང་། མཐུན་སྦྱོར་མཉམ་འགུལ། ཕྱོགས་བསྡུས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་པས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག་ཉམས་ཞན་ཡིན་པ་དང་། གཞི་རིམ་བཅོས་སྐྱོང་གི་ཁུངས་སྣེ་ཤེས་རྟོགས་དཀའ་བ། ཐེ་ཞུགས་རྗེས་སུ་ལུས་པ་སོགས་ཀྱི་དཀའ་གནད་བསལ་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་པུའི་ཀྲུའུ་རེན་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས་བརྗོད་པ་དང་། ཁོང་གིས་ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས་ལག་ལེན་གཏིང་ཟབ་བསྟར་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་སྲིད་ཇུས་དང་། ཤེས་ལྡན་པ། ལས་སྟེགས་སོགས་ཕྱོགས་མང་པོའི་ཐད་ནས་མཐུན་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ཡོད་ཅེས་བརྗོད།

ལྷོ་ཁ་གྲོང་ཁྱེར་གྱི་བྱེད་ཐབས་ཏན་ཏིག་རབ་དང་རིམ་པས་བུད་མེད་དང་བྱིས་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རིམ་གྱིས་ཐག་གཅོད་ནུས་ལྡན་ཐུབ་པས། རྒྱ་ཆེའི་བུད་མེད་དང་བྱིས་པ་ཚོས་ཁྲིམས་འཛིན་གྱི་དྲོ་སྐྱིད་དང་སྟོབས་ཤུགས་དངོས་འབྲེལ་ཚོར་ཡོད། དེ་དང་དུས་མཚུངས་སུ་བུད་མེད་དང་བྱིས་པའི་སྲོལ་བཟང་ལ་བརྩི་བཀུར་དང་གཅེས་སྐྱོང་བྱས་ནས་ཞིབ་ཕྲའི་ལག་ལེན་ལ་བརྟེན་ཏེ་མང་ཚོགས་ཀྱི་ནང་སེམས་སུ་འཇགས་པར་བྱས་ཡོད།

“དེ་དག་ནི་སྦྱངས་འབྲས་ཀྱི་རེའུ་མིག་ཅིག་རེད་ལ། ཁྱིམས་སྐྱོང་ཤེས་དཔལ་ཡར་ཐོན་གྱི་ཚད་བརྐོས་ཐིག་ཤིང་དེ་བས་ཡིན”རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱིས། ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དོན་སྤྱི་ཙམ་གྱི་བཅའ་ཁྲིམས་ཀྱི་ཚན་པ་ཞིག་ནས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཡོད་ཀྱི་རྣམ་པར་འགྱུར་བར་བྱས་ནས་བུད་མེད་དང་བྱིས་པའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་བར་རོགས་རམ་ཐུབ་པ་དང་། རང་འགུལ་ངང་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ཇི་ལྟར་སྲུང་དགོས་པ་ཤེས་ཡོད་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ལིའུ་ཧྥ་ལིན་གྱིས། གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དྲ་རྒྱའི་ཉེས་གསོག་སོཌ་དང་འབྲེལ་བ་ཡོད་པའི་འགྲན་སློང་གསར་པར་དམིགས་ནས“ཞིབ་དཔྱོད་ཆེན་པོ་བཞིའི”ཕྱོགས་བསྡུས་འགན་སྒྲུབ་ཟབ་ཏུ་གཏོང་བ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གི་ཁྲིམས་སྐྱོང་མཁོ་སྤྲོད་ལེགས་སུ་དང་ལམ་སྲོལ་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ། “སྤུས་ཚད་ལེགས་ལ་ལས་ཕྱོད་ཆེན་པོས་གྱོད་གཞི་རེ་རེ་ཡག་པོ་གཉེར་བའི”འདུ་ཤེས་འཛིན་པ། བུད་མེད་དང་བྱིས་པ་སྲུང་སྐྱོང་གི་ཁྲིམས་འཛིན་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ཏེ། གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ཚོས་དྲང་གཞག་དྲང་བདེན་དང་ཁྲིམས་འཛིན་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

(རིག་རྡོར་དང་ཚེ་ལྷ་ཡིས་སྒྱུར་ཞུས་བྱས)