འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དགེ་རྒྱས་རྫོང་གིས“བཅའ་ཁྲིམས་ཁྱབ་གདལ་དང་རིག་རྩལ་འཁྲབ་སྟོན”ཟུང་དུ་འབྲེལ་བའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། དུས་བདེའི་དགེ་རྒྱས་དང་ཁྲིམས་སྐྱོང་དགེ་རྒྱས་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་བྱས་པ་རེད།
བྱེད་སྒོར་སྤེལ་སར་ཚན་པ་ཁག་གིས་འཕྲེད་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། པར་རིས་འགྲེམས་པང་སྒྲིག་པ། མང་ཚོགས་ཀྱི་དོགས་གཞིར་ལན་རྒྱག་པ་བཅས་བྱས་ཤིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཁྱོན་བསྡོམས་དྲིལ་བསྒྲགས་ལག་དེབ་དང་དངོས་པོ་2000ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་50ལྷག་ཙམ་གྱི་དོགས་གཞི་སེལ་བ། མང་ཚོགས་500ལྷག་ཙམ་ཞུགས་པ་བཅས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁ་བསླུས་འགོག་པའི་འདུ་ཤེས་མཐོ་རུ་ངེས་ཅན་བཏང་ཡོད།
གཞན་ཡང་། རིག་རྩལ་འཁྲབ་སྟོན་གྱིས་བྱེད་སྒོའི་རྣམ་པ་འཁྲུག་ཏུ་བཏང་ཞིང་། ཞབས་བྲོ་དང་། གླུ་གཞས། གཏམ་བརྗོད་ཐུང་གྲས་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པ་རེད། བྱེད་སྒོ་ཚར་རྗེས་ལས་དོན་ཚོགས་ཆུང་དགེ་རྒྱས་རྫོང་གི་གཞོན་ནུ་ལོ་ཆུང་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཡུན་རིང་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱེད་མཁན་གྱི་སེམས་ཁམས་བློ་འདོན་ཆེ་མོ་བའི་ཚོགས་པར་འཚམས་འདྲི་བྱས་པ་མ་ཟད། ཁོང་ཚོར“སྒེར་སེམས་མེད་པའི་ལེགས་སྐྱེས་བྱ་དགའི”གཟེངས་རྟགས་སྤྲད་པ་རེད།