《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ཚོགས་ཀྱིས་ལས་རིགས་ཚོང་དུད་ལ་བྱང་བུ་སྤྲོད་བཞིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ཚོགས་དང་འབྲེལ་ཡོད་ཁེ་ལས་ཀྱིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་བཞིན་པ།

ཉེ་ཆར། བོད་རང་སྐྱོང་ལྗོངས་ནང་ཆས་ལས་རིགས་ཚོང་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་དང་ལས་འཛིན་ལྷན་ཚོགས་ཀྱི་འགན་འཁུར་མཛད་སྒོ་སྐབས་གཉིས་པ་ལྷ་ས་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་གཉེར་བ་རེད། བྱེད་སྒོའི་རིང་ཚོང་ཚོགས་ཀྱིས་ཁེ་ལས་མང་པོ་དང་མཉམ་འཛུགས་མཉམ་སྐྲུན་གྱི་གྲོས་མཐུན་དང་འཐབ་ཇུས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ལས་རིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།