2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ཁྱོན་468སྦྲེལ་མཐུད་བྱས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་30.88ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་29.9བཏང་ཟིན་ནས་མ་དངུལ་གཏོང་ཚད་96.5%ཟིན་ཡོད། ཞིང་འབྲོག་ཁྱབ་ཁོངས་ཀྱི་རྣམ་གྲངས་38ལག་ལེན་བསྟར་རྒྱུའི་ཆོག་མཆན་སྤྲད་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་8.75ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་7.2བཏང་ཟིན་ནས་མ་དངུལ་གཏོང་ཚད་82%ཟིན་ཡོད་པ་རེད།
ཞིང་འབྲོག་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་འགན་ལེན་བྱས་པ།
“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས“འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་གསོ་དང་བཟའ་འབྲུ་རྦད་དེ་བདེ་འཇགས་ཡོང་བར་བྱེད་པའི”འབྲུ་རིགས་བདེ་འཇགས་ཀྱི་ལྟ་བ་གསར་པ་དང་འབྲུ་རིགས་ཆེན་པོའི་ལྟ་བ་ཡང་དག་འཛུགས་པ་དང་། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཡིན་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “ཤ་ཚལ་སྒོང”གསུམ་གྱི་ཧྲི་ཀྲང་གི་འགན་ཁུར་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ། ནས་ཀྱི་ཐོན་འབབ་བརྟན་པོ་ཡོང་བར་བྱས་ཡོད། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི་6.84ཟིན་ནས་དུས་མཚུངས་ལས་0.9%འཕར་བ་དང་། འབྲུ་རིགས་ཐོན་འབབ་ཏུན་ཁྲི་45.8ཟིན་ནས་དུས་མཚུངས་ལས་4.2%འཕར་བ། རིམ་རྩིས་བརྒྱབ་ན་སྔོ་ཚལ་མུའུ་ཁྲི་18.94བཏབ་པ་དང་སྔོ་ཚལ་ཏུན་ཁྲི་40.7ཐོན་ནས་ཐོན་ཚད་100%ཟིན་ཡོད།
2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་11.36བཟོས་ནས་ལས་འགན་ལེགས་གྲུབ་ཐུབ་ཚད་96%ཟིན་ཏེ་ལྗོངས་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཚད་མཐོའི་སྐུལ་འདེད་གཏོང་ཆེད། སྔ་རྗེས་སུ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་5བཙུགས་ཏེ། “མི་ཆོག་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་སྤྱད་ནས། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་17དང་། ཤང་དང་གྲོང་རྡལ་63 སྲིད་འཛིན་གྲོང་ཚོ་101བཅས་སུ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ལ“ཕྱིར་མིག་ལྟ་བ”དང་ཆེད་དོན་བཅོས་སྒྲིག་གིས་ལྟ་སྐུལ་འཐེན་བཤེར་གྱི་ལས་དོན་སྤེལ་ཡོད།
གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། གམ་པའི་ལུག་དང་། ཧོར་པའི་ལུག དེ་བཞིན་ཕག་རིའི་འབྲི་གཡག སྐེད་ལག་གི་འབྲི་གཡག་སོགས་ས་གནས་དེ་གའི་རྒྱུད་བཟང་ཐོན་ཁུངས་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ལེགས་ལྡན་རྒྱུད་པ་རྒྱ་ཆེར་བཏང་ཡོད།
2024ལོར་གཞིས་རྩེ་གྲོང་ཁྱེར་དུ་ལག་ཡོད་ཕྱུཌ་རིགས་མགོ་གྲངས་ཁྲི་480ཡོད་པ་དང་། གསར་སྐྱེས་ཕྱུཌ་ཕྲུག་མགོ་གྲངས་ཁྲི་174ཡོད་པ། ཕྱུགས་ཕྲུག་མགོ་གྲངས་ཁྲི་164གསོན་ནས་གསོན་ཚད94%ཡན་ཟིན་པ། ཕྱུཌ་རིཌ་སྣ་ཚོཌ་མགོ་གྲངས་ཁྲི་171བཤས་བཏང་ཞིང་། བཤས་གཏོང་ཚད་དུས་མཚུངས་ལས་4.3%འཕར་བ། ཤ་སྒོང་འོ་མའི་ཐོན་ཚད་ཏུན་ཁྲི་20.6ཟིན་ནས་དུས་མཚུངས་ལས་11.4%འཕར་ཡོད་པ་རེད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ།
ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དོན་འཁྱོལ་བྱས་ནས་རོགས་སྐྱོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་10བཏང་ནས་ཁྱོན་ཐོན་ལས་རྣམ་གྲངས་161ལག་ལེན་བསྟར་བ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། འབྲེལ་ཡོད་ཀྱི་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཐོན་ལས་རྣམ་གྲངས་ཀྱིས་ཁྱོན་ཁེ་ཕན་མཉམ་སྦྲེལ་གྱི་ཁེ་སྤོགས་སྒོར་ཁྲི་2778སྤྲད་པས་མང་ཚོགས་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་སྣ་ཚོགས་འགྲེམས་སྟོན་འགྲེམས་འཚོང་དང་ཞིང་པའི་ལོ་ལེགས་དུས་ཆེན་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།
དེ་དང་ཆབས་ཅིག ཞིང་འབྲོག་ཐོན་རྫས་ལས་ཁུངས་ཀྱི་ཟ་ཁང་དུ་འདྲེན་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཉོ་སྒྲུབ་དངུལ་སྒོར་ཁྲི་1600ཟིན་ནས་ལོ་ཧྲིལ་པོའི་ལས་འགན་གྱི་160%ལེགས་གྲུབ་ཟིན་ཡོད། གཞི་རིམ་གྱི་ཞིང་ཁུངས་དང་དེ་བཞིན་བསྡོམས་རྩིས་ལས་དོན་པ་དང་འབྲེལ་གཏུག་འབྲེལ་མཐུད་ཧུར་ཐག་བྱས་ནས། ཐོན་འབབ་དང་ཐོན་རྫས་རིན་ཐང་བསྡོམས་རྩིས་རྒྱག་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་ཚད་རིན་ཐང་བསྡོམས་འབོར་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡོམས་རྩིས་ཀྱི་གནད་སྨིན་རང་བཞིན་མུ་མཐུད་མཐོ་རུ་བཏང་ཡོད།2024ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་99.85ཟིན་ནས་13.6%འཕར་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་16.6ཟིན་ནས་10.6%འཕར་ཡོད།
ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ།
2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་གྱིས་ལས་གནས་མཁོ་འདོན་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་རྒྱུན་མཐུད་བཏང་ཞིང་། 2024ལོར་ཟུར་འཐེན་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་བའི་རྣམ་པ་མངོན་གསལ་དོད་པོ་བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་22559.65ཟིན་ནས་དུས་མཚུངས་ལས་27.33%འཕར་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19668ཟིན་ནས་8.8%འཕར་ཡོད།
“ཚན་རྩལ”གྱིས་ཞིང་འབྲོག་ལས་ཐོན་སྐྱེད་ལ་སྟོབས་ཤུགས་སྦྱིན་ཞིང་། སོན་བཟང་རྒྱུད་སྤེལ་ཁྱབ་གདལ་གཏོང་མགྱོགས་སུ་བཏང་སྟེ། ནས་ཀྱི་སོན་བཟང་རྒྱུད་སྤེལ་རྟེན་གཞིའི་གྲོང་ཚོ་3བསྐྲུན་པ་དང་། སོན་བཟང་རྒྱུད་སྤེལ་རྟེན་གཞི་མུའུ་ཁྲི་6.7དོན་འཁྱོལ་བྱས་ཏེ། “ཧི་མ་ལ་ཨང་22པ”དང“བོད་ནས་ཨང་2000པ”སོགས་ནས་ཀྱི་སོན་བཟང་དང་དེ་བཞིན་དུག་འདོར་ཞོག་ཁོག་གི་སོན་བཟང་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ནས་ཀྱི་སོན་བཟང་ཁྱབ་ཚད་94%ཡན་ཟིན་པ་དང་། ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་གདལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་2459བཏང་ནས་ཕྱུགས་རིགས་མགོ་གྲངས་ཁྲི་11.5ཡི་རྒྱུད་བཟང་ཁྱབ་གདལ་གྱི་ལས་འགན་དོན་འཁྱོལ་བྱས་པ་རེད། གྲངས་འཛིན་ནུས་སྦྱིན་ལ་སྐུལ་འདེད་རྒྱུན་མཐུད་བཏང་ནས་གྲངས་འཛིན་ཞིང་ལས་ཀྱི་ལྗོངས་ཡོངས་ཀྱི་མ་དཔེ་བཏོད་པ་དང་། རིམ་རྩིས་བརྒྱབ་ན་ནས་ཀྱི་ཐོན་ལས་ཀྱི་གཞི་གྲངས་ཆེན་པོའི་ལས་སྟེགས་ཁྱབ་སྤེལ་བཀོལ་སྤྱོད་གསོ་སྦྱོང་ཐེངས་13བྱས་པར་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་700ལྷག་ཙམ་ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ནས་སོན་རྒྱུད་སྤེལ་རྟེན་གཞི་85%ལ“རྨོ་འདེབས་གཡོག་བྱེད་དང་སྟོན་བསྡུ”ཡོངས་ཁྱབ་དོ་དམ་ཚོད་འཛིན་དང་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་ཡོད།
གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་9.44བཏང་ནས་ས་མཐོའི་མཛེས་མཐུན་དཔེ་སྟོན་གྲོང་ཚོ་61བསྐྲུན་པ་དང་མིག་སྔར་ཚང་མ་བསྐྲུན་ཟིན་ཡོད། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་ཚོ་གཙང་སྦྲ་ལྡན་པ་དང་། “འགྱིག་ཤོག་སྦགས་བཙོག”བཅོས་སྒྲིག གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཅོས། མི་ཕྱུགས་ལོགས་དབྱེའི་འགག་སྒྲོལ་སོགས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་། “ཡོད་པ་བཞི་དང་། མེད་པ་བཞི། གཙང་སེལ་གཉིས”བཅས་ཀྱི་ཚད་གཞི་གཞིར་བཟུང་། ཞིང་འབྲོག་ཁུལ་གྱི་དུད་ཚང་5605ཡི་གསང་སྤྱོད་སྒྱུར་བཅོས་བྱས་པ། གཅིག་སྡུད་ལ་འཚམ་ན་གཅིག་སྡུད་དང་། ལོགས་དབྱེར་འཚམ་ན་ལོགས་དབྱེ། སྒྱུར་བཅོས་ལ་འཚམ་ན་སྒྱུར་བཅོས་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་དུད་ཚང་16669ཡི་མི་ཕྱུགས་ལོགས་སུ་དབྱེ་ནས་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་ཚད་111%ཟིན་ཡོད།
ཞིང་འབྲེལ་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས《2024ལོའི་བེད་མེད་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་ཇུས་གཞི》བཟོས་ནས་བཀྲམ་སྟེ། ལོ་འཁོར་མོར་ཁྱོན་འགྱིག་ཤོག་ཏུན་32ཚུར་བསྡུ་བྱས་པ་དང་ཚུར་བསྡུ་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད། ནས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་70དང་ལྗང་མདོག་དང་། སྤུས་ལེགས་ནུས་ཆེའི་དཔེ་སྟོན་ནས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་73ཟིན་པ་དང་། མུའུ་ཁྲི་78ལ་ཚན་རིག་དང་མཐུན་པའི་སྒོ་ནས་དཔེ་སྟོན་ས་དཔྱད་ལུད་སྦྱོར་བྱས་པ། ཞིང་ལུད་ཏུན་ཁྲི་197བསགས་ཡོད་པ་རེད། སོག་མ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ལོ་ཏོག་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་97%ཟིན་ཡོད། བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཚད་ལོན་ཁས་ལེན་གྱི་ཚད་ལྡན་ལག་ཁྱེར་ལམ་ལུགས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱིས་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཚད་ལོན་ཁས་ལེན་གྱི་ཚད་ལྡན་ལག་ཁྱེར་ཁྱོན་10972སྤྲད་པ་དང་ཁྲོམ་རའི་ཐོག་ཚད་ལོན་ལག་ཁྱེར་ཡོད་པའི་ཞིང་ལས་ཐོན་རྫས་ཏུན་346.75ཟིན་ཡོད།