འདས་ཟིན་པའི་བགྲང་བྱ་10ཡི་རིང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་རྩོད་པའི་ལས་དོན་ཁྲུའུ་ཡི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་བསམ་གཏན་ཆོས་གྲགས་ཀྱིས་སྡེ་ཚན་གྱི་འགོ་ཁྲིད་ལ་ལས་ཆོད་ཆེ་བའི་གཞོགས་འདེགས་བྱས་ཏེ་ཁྲིམས་རྩོད་པའི་ལས་རིགས་ལ་ཞབས་ཞུ་དང་། ལྟ་སྐུལ། མཛུབ་ཁྲིད་བཅས་བྱས་ནས་ཁྲིམས་རྩོད་པའི་ལས་གཉེར་དབང་ཆར་འགན་སྲུང་དང་ཁྲིམས་རྩོད་པའི་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ“འགག་རྩའི་ལས་གནས”ཐོག“འགག་རྩའི་ལས་དོན”ལེགས་པར་བསྒྲུབས་ཡོད།
2024ལོར་བསམ་གཏན་ཆོས་གྲགས་ལ་ཁྲིམས་འཛིན་པུའུ་ཡིས“རྒྱལ་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་དང་། འདི་ལོ་སླར་ཡང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་བདམས་པ་རེད།
2022ལོར་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་ཀྱི“ཁྲིམས་རྩོད་པ་མེད་པའི་རྫོང”གི་གནད་དོན་སྤྱིར་ན་ཐག་གཅོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་ཆེ་གྲས་30ཡིས་རང་ལྗོངས་ཀྱི“ཁྲིམས་རྩོད་པ་མེད་པའི་རྫོང”30ལ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཡན་ལག་ཁང་འཛུགས་པར་མཐུན་སྦྱོར་བྱས་ཡོད།
དུས་ཚོད་ཐུང་ལ་ལས་འགན་ལྕི་བའི་མདུན་དུ་བསམ་གཏན་ཆོས་གྲགས་ཀྱིས་ཁྲིམས་རྩོད་པའི་ཡན་ལག་ཁང་30དང་མངགས་སྡོད་ཁྲིམས་རྩོད་པ་40ལྷག་ཙམ་གྱི་ཞིབ་མཆན་དཔྱད་ཡིག་གཅིག་སྡུད་ཐོག་བདག་སྤྲོད་དང་ཞིབ་དཔྱད་བྱེད་དགོས་སྟབས་ལས་གཉེར་ལག་ཁྱེར་མགྱོགས་མྱུར་བཟོ་བ་དང་ཞིབ་མཆན་འགོད་པའི་དུས་ཚད་ཐུང་དུ་གཏོང་ཆེད། ཁོང་དང་ལས་གྲོགས་ཚོས་ཉིན་7ནང་ཞིབ་དཔྱད་དང་། མཆན་འགོད་བཀའ་ལན། ཁྲིམས་རྩོད་པའི་ལས་དོན་ཁང་གི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་རེ་ཞུ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ལག་ཁྱེར་བཟོ་བ་སོགས་ཀྱི་ལས་དོན་ཚང་མ་བསྒྲུབས་ཏེ། ཁྲིམས་འཛིན་པུའུ་ནས་གཏན་འཁེལ་བྱས་པའི་དུས་བཀག་ནང་ཡན་ལག་ཁང་30ཚང་མར་ལག་ཁྱེར་སྤྲད་པ་དང་ཆབས་ཅིག ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་ཁོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ། གསར་དུ་བཙུགས་པའི་ཡན་ལག་ཁང་ལ་རིན་མེད་ངང་གཞུང་དོན་སྒྲུབ་ཡུལ་མཁོ་འདོན་དང་། མངགས་སྡོད་ཁྲིམས་རྩོད་པའི་ཟ་སྡོད་ཐད་སྟབས་བདེ་བསྐྲུན་པ། ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་དང་མཐུན་སྦྱོར་བྱས་ནས་རྫོང་ཁོངས་ཀྱི་ཁྲིམས་རྩོད་ཁང་དང་ཁྲིམས་རྩོད་པའི་ཚོགས་དངུལ་ཆག་ཡང་དང་རྩ་ཆག་བཏང་བ་བཅས་ཀྱི་གནས་ཚུལ་ལ་དྲན་གསོ་བྱས།
2023ལོར། ཧུའུ་ནན་རེན་ཧོ(ཟངས་རི)ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ་དེས་ས་གནས་དེ་གར“ཁྲིམས་རྩོད་པ་མེད་པའི་རྫོང”ཞེས་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཁྲིམས་རྩོད་པའི་ལས་དོན་ཁང་གིས་བཅའ་ཁྲིམས་བློ་འདྲི་དང་ལེན་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་སྒྲུབ་པ། བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་སོགས་བཅའ་ཁྲིམས་ཞབས་ཞུར་གཞོལ་ནས། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་ས་གནས་དེ་གའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བར་འབད་བརྩོན་བྱེད་བཞིན་མཆིས།
ཁྲིམས་རྩོད་པའི་ལས་དོན་ཁང་དེའི་འགན་འཁུར་བ་མ་རུན་ལན་གྱིས། མི་སེར་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་ཐུབ་ཆེད། ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་མ་ཐག་དེ་མུར་སྲིད་འཛིན་གྲོང་ཚོ་རེ་རེ་བཞིན་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བར་ཕྱིན་པ་ཡིན་ཞེས་ངོ་སྤྲོད་བྱས།
མིག་སྔར། ལྗོངས་ཡོངས་ཀྱི་རྫོང་ཁོངས་56ལ་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་ཡོད་ཅིང་། དེས་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ཤེས་ལྡན་པ་ཁ་ཐང་བ་དང་བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་མེད་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་ཡོད།
2018ནས་2024ལོའི་བར། ལྗོངས་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་བའི་ལས་དོན་ལ་མཐོང་རྒྱུ་ཡོད་པ་ནས་ཕན་ནུས་ཡོད་པའི་སྒོ་ནས་ཡོངས་ཁྱབ་ཐུབ་པའི་བར་མངོན་འགྱུར་བྱུང་བ་དང་། མིག་སྔར“དཔོན་གསུམ་དང་ཁྲིམས་རྩོད་པ་གཅིག”(ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན། ཁྲིམས་རྩོད་པ)4000གིས་ལྗོངས་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་བའི་འགན་ཁུར་ནས་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲིའི་རོགས་རམ་བྱེད་བཞིན་ཡོད་པས། དེ་ནི་ཚང་མའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་སའི་གདམ་ག་དང་པོར་གྱུར་ཞིང་། མི་སེར་ཚོས་གྲོང་ཚོ་དེ་རང་ནས་ཆེད་ལས་བཅའ་ཁྲིམས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་རྩོད་པའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཆོས་བཟང་གིས་གསར་འགོད་པར“བསམ་གཏན་ཆོས་གྲགས་ནི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། སློབ་ལ་བརྩོན་པ། འགན་འཁྲི་འཁུར་སེམས་ཆེ་བ་བཅས་ཀྱི་ལས་བྱེད་པ་ཞིག་རེད། ལོ་འདི་དག་ནང་ཁོང་གིས་སྣེ་ཁྲིད་དེ་ལམ་ལུགས་མང་པོ་བཟོས་ཡོད། ཉེ་ཆར་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་གི་ལོ་འཁོར་གྱི་དཔྱད་ཞིབ་འཐེན་བཤེར་ལས་དོན་སྤེལ་བཞིན་ཡོད་པས། ཁོང་ལ་ངལ་གསོའི་ཁོམ་པ་གཏན་ནས་མེད”ཅེས་བསམ་གཏན་ཆོས་གྲགས་ཀྱིས་ལས་རོགས་ཚོར་བཞག་པའི་བག་ཆགས་སྐོར་གླེང་།
ས་གནས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ནས་བཙོན་ཁང་ཁོངས་གཏོགས་བར་དང་། དེ་ནས་ཁྲིམས་རྩོད་པའི་ལས་དོན་ཁྲུའུ་བར། ཐོག་མའི་སྐབས་སུ་བསམ་གཏན་ཆོས་གྲགས་ཀྱང་ལས་ཀ་གང་ནས་འགོ་འཛུགས་མིན་མི་ཤེས་པར་མགོ་རྨོངས་མྱོང་། འོན་ཀྱང་། གང་མགྱོགས་ལས་སྒོ་འཕེར་ཐུབ་ཆེད་ཁོང་གིས་ཞར་དང་ཞོར་ལ་ལས་སྒོའི་རིགས་པའི་གཞུང་ལུགས་ཤེས་བྱ་སྦྱངས་པར། 2015ལོར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རྒྱུགས་འཕྲོད་དེ་སླད་ཕྱིན་གྱི་ལས་ཀར་རྨང་གཞི་བཏིང་།
བགྲང་བྱ་10ཡི་རིང་། བསམ་གཏན་ཆོས་གྲགས་ཀྱིས་འགན་ཁུར་བའི་ལས་ཀར་གྲུབ་འབྲས་མང་པོ་ཐོབ་ཡོད་ཅིང་། 2018ལོར་ཁོང་གིས་བོད་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཨུད་འཛུགས་རྒྱུར་སྐུལ་འདེད་གཏོང་འགན་ཁུར་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ནང་དོན་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་ཁང་གི་སྒྲིག་ཡིག་ནང་བཅུག་པ་རེད།
དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་ཆེད། ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། བསམ་གཏན་ཆོས་གྲགས་ཀྱིས་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་ཞིབ་བཤེར་ཆེད་དོན་བྱེད་སྒོ་དང་ཁྲིམས་རྩོད་པའི་ལས་དོན་ཁང་ཁྲི་ཡིས་ཚོང་ཚོགས་ཁྲི་དང་མཉམ་འབྲེལ་བྱེད་པའི་བྱེད་སྒོ་སོགས་སྤེལ་བ་མ་ཟད། ཁྲིམས་རྩོད་པ་200ལྷག་ཙམ་ལས་གྲུབ་པའི་ཞབས་ཞུའི་ཚོགས་པ་བཙུགས་ཏེ་དམངས་གཉེར་ཁེ་ལས་300ལྷག་ཙམ་ལ་རིན་མེད་ངང་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཞུས་ནས། ནུས་ཆེ་སྤུས་ལེགས་ཀྱི་བཅའ་ཁྲིམས་ཀྱི་ཞབས་འདེགས་རབ་དང་རིམ་པ་ཞུས་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)