འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི“རྒན་རྒོན་གྱི་སེམས་པ་ཏང་ལ་ཕྱོགས—ཟབ་སྦྱོང་ནན་བསྟར་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་། སྔོན་ཐོན་ཞིབ་བསྡུར་གྱིས་ཐོག་མའི་བསམ་འདུན་སྒྲུབ”ཅེས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་སྟེགས་བྱེད་སྒོ་སྤེལ་ནས། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་པའི་ནུས་པ་གང་ལེགས་བཏོན་ཏེ། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་སྔོན་ཐོན་ལ་ཞིབ་བསྡུར་དང་མིག་ལྟོས་ཡར་འདྲེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཡོད།
ད་ཐེངས་ཀྱི་འཆད་སྟེགས་སུ“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ལིའུ་རུའེ་ཞུའེ་ཡིས་དྲ་ཐོག་ནས་ཆེད་དོན་ཟུར་ཁྲིད་བྱས་ཏེ“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”ལས་བྱེད་པ་རྒན་གྲས་400ལྷག་ཙམ་གྱིས་དང་བླངས་སྙིང་སྟོབས་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་གསོན་ཉམས་དོད་པོས་གླེང་བ་རེད། བྱེད་སྒོར་ད་དུང“རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ”སྟེ་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཞི་པའི་འཐུས་མི་ཚེ་དབང་དཔལ་འབྱོར་དང“རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མི་སྒེར”ཏེ་ནག་ཆུ་ས་ཁུལ་སྨན་རྫས་ལྟ་འདོམས་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ནོར་རྒྱས་གདན་དྲངས་ཤིང་། ཁོང་ཚོས་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་དང་། རྒས་དུས་ལས་རྒྱུ་ཡོད་པ་མཐའ་འཁྱོངས། མུ་མཐུད་ལེགས་སྐྱེས་འབུལ་བ་བཅས་ཀྱི་འབད་འཐབ་ཀྱི་གཏམ་རྒྱུད་ཞིབ་ཏུ་བཤད་པ་རེད།
(ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)